ཉིན་ཞག་ཕྲུགས་གཅིག་གི་བྱེད་སྒོ།
ཞོགས་པ་ཆུ་ཚོད་༥ །༣༠ ནས་བདུན་པའི་བར་ཞོགས་ཚོགས།
ཆུ་ཚོད་ ༨ ནས་ ༡༢ །༡༥ བར་སློབ་ཁྲིད་ཀྱི་དུས་ཚོད་དང་།
ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༣།༣༠ བར་གནམ་གཤིས་ཡག་དུས་ཆོས་ར་དང་དེ་མིན་རང་སྦྱོང་དང་དཔེ་ཀློག
ཆུ་ཚོད་༣།༣༠ ནས་༤།༣༠ བར་ཚོགས།
ཆུ་ཚོད་༦ ནས་ ༧ བར་རྩོད་ཟླ། ༧ ནས་ ༧།༣༠ བར་སྐུ་རིམ།
༧། ༣༠ ནས་༨། ༤༠ བར་དམ་བཅའ།
༩། ༡༥ ནས་༡༠ །༣༠ བར་བློ་ འཛིན་དང་སྐྱོར་སྦྱང་བཅས་ཡིན།
ཟླ་རེར་མཚན་ཕུད་དམ་བཅའ་གཅིག་རེ་དང་སྐབས་མཚམས་སུ་སློབ་ གཉེར་བ་ནང་ཁུལ་བགྲོ་གླེང་གི་ལས་རིམ་བཅས་ཡོད།
ལོ་འཁོར་གཅིག་གི་བྱེད་སྒོ་ཆེ་ཁག
བོད་ཟླ་གཉིས་པའི་ནང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་ཉིན་ལྔ་དང་སྦྱིན་སྲེག རྒྱལ་བ་མི་འཁྲུགས་པའི་སྒྲུབ་མཆོད་ཉིན་གཅིག འཇིགས་བྱེད་ཀྱི་སྒྲུབ་མཆོད་ཉིན་གཅིག་བཅས་ཁྱོན་ཉིན་བདུན་དང་།
བོད་ཟླ་བཞི་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་སྨྱུང་གནས་ཆ་བཞི།
བོད་ཟླ་དྲུག་པའི་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་ལ་སྨྱུང་གནས་ཆ་གཅིག
བོད་ཟླ་དགུ་པའི་ལྷ་བབ་དུས་ཆེན་ལ་སྨྱུང་གནས་ཆ་གཅིག་བཅས་གཏོང་གི་ཡོད།
ལོ་འཁོར་ཡིག་རྒྱུགས་གྲུབ་མཚམས་ཟླ་བ་གཅིག་གི་རིང་གུང་གསེང་དང་དེ་རྗེས་གནམ་གཤིས་གྲང་བས་འཛིན་གྲྭ་ཚོགས་མི་ཐུབ་སྟབས་དཔེ་ཆ་བློ་འཛིན་བྱེད་བཞིན་ཡོད་པ་བཅས་ཡིན།